top of page
Search

ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ལྷ་རམས་པ་བཀྲ་ཤིས་ཚེ་རིང་མཆོག་འདི་ག་སཾ་བྷོ་ཊ་སི་ཝི་པི་ཉིན་སློབ་ཏུ་འཚམས་གཟིགས་སུ་ཕེབས་

སྤྱི་ལོ་༢༠༢༥ ཟླ་བ་ ༡༠ ཚེས་ ༤ ཉིན་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་སེར་སྨད་མཁན་ཟུར་དགེ་བཤེས་ལྷ་རམས་པ་བཀྲ་ཤིས་ཚེ་རིང་མཆོག་འདི་ག་བདེ་སླར་སཾ་བྷོ་ཊ་སི་ཝི་པི་ཉིན་སློབ་ཏུ་འཚམས་གཟིགས་སུ་ཕེབས་ཏེ། ཞོགས་འཛོམས་སྐབས་སློབ་མ་ཡོངས་ལ་བཀའ་སློབ་གནང་རྗེས། འཛིན་གྲྭའི་ནང་སློབ་ཁྲིད་རྟོག་ཞིབ་དང་སློབ་གྲྭའི་སྡེ་ཚན་ཁག་དང་སློབ་མའི་འབྲི་དེབ་གཟིགས་ཞིབ་གནང་ཏེ། དགེ་ལས་ཡོངས་ལ་བླང་དོར་བཀའ་སློབ་གནང་བྱུང།


 
 
 

Comments


bottom of page